Nabízeno v

Kredity

PERFORMING ARTISTS
Dan Xie
Dan Xie
Performer
COMPOSITION & LYRICS
Kuni
Kuni
Lyrics
果洛·尖参
Composer

Texty

དམར་གི<可惜>
ཚིག འཕང་།
དབྱངས། མགོ་ལོག་རྒྱལ་མཚན།
ལེན་མཁན། ཤེར་བསྟན།
གངས་མུ་ཁྱུད་སྲིད་པའི་རྔོག་མ་འདི།།
གནའ་དེང་མ་མཆོད་རྟེན་དགུ་ཐོག་ཟིག།
ས་ཆེན་པོའི་སྙིང་གི་དཀར་ཐིག་ཡིན།།
དུས་དེང་སང་ཐོར་ཅོག་འོད་པོ་ཆེ།།
དྲོད་ཚ་བས་བཞུས་ན་ང་དམར་ཀི།
བོད་འབྲོག་ཐང་མེ་ཏོག་ཕོ་བྲང་འདི།།
གནའ་དེང་མ་སྦྲ་ནག་བཙན་རྫོང་ཟིག།
གཡང་སྒོ་བཞི་ཉི་ཟླའི་སྒོ་ཟོག་ཡིན།།
དུས་དེང་སང་གཡང་རྟེན་ནོར་བཅུད་དེ།།
དུས་འགྱུར་བས་ཚར་ན་ང་དམར་ཀི།
བོད་སྐད་ཡིག་ཕ་ལམ་དཀར་པོ་འདི།།
གནའ་དེང་མ་སྲོག་གི་སྐྱོར་མ་ཟིག།
ཚེ་ཉི་མའི་དཔྲལ་བའི་སྤྱན་ཟུང་ཡིན།།
དུས་དེང་སང་རྩིས་ཐང་རིན་པོ་ཆེ།།
བློ་འགྱུར་བས་བརླགས་ན་ང་དམར་ཀི།
ཤ་རུས་པའི་བརྩེ་དུང་ཁོལ་མ་འདི།།
གནའ་དེང་མ་ཡ་ཆུང་དམར་ཆུང་སྲོག།
སེམས་བསམ་པ་ཚོར་བའི་གཙང་བོ་ཡིན།།
དུས་དེང་སང་ཞེ་འདང་ཁྲེལ་གཤིས་འདི།།
རྒྱུ་འབྱོར་བས་བསླུས་ན་ང་དམར་ཀི།
Written by: 果洛·尖参,
instagramSharePathic_arrow_out