Créditos
ARTISTAS INTÉRPRETES
華爾丹
Intérprete
COMPOSICIÓN Y LETRA
巴丁求扎
Composición
戈多·克波
Letra
Letra
[Verse 1]
འགྲོ་ཡ། འགྲོ་ཡ།
རི་མཐོ་པོ་ཇོ་མོ་གླང་རིར་འགྲོ།
དེ་ན་བོད་ཀྱི་ལྷ་རི་ཡོད།
དེ་ན་ཤེལ་གྱི་མཆོད་རྟེན་ཡོད།
དེ་ན་གངས་གཡག་ལྷ་འབྲོང་ཡོད།
ཨ་ལ་ལ། ཨལ་ལ།
འགྲོ་ཡ། འགྲོ་ཡ།
ས་སྐྱིད་པོ་ཕ་ཡུལ་ལྷ་སར་འགྲོ།
དེ་ན་འཛམ་གླིང་ནོར་བུ་ཡོད།
དེ་ན་གདོང་དམར་བོད་མི་ཡོད།
དེ་ན་གཟི་བརྗིད་ཕོ་བྲང་ཡོད།
ཨ་ལ་ལ། ཨ་ལ་ལ།
འགྲོ་ཡ། འགྲོ་ཡ།
གནས་ཆེན་པོ་ཤར་ཕྱོགས་དུང་རིར་འགྲོ།
དེ་ན་མཛེས་པའི་གསེར་མཚོ་ཡོད།
དེ་ན་འཛམ་གླིང་མགྲོན་པོ་ཡོད།
དེ་ན་མཁོ་བའི་ཅ་ལག་ཡོད།
ཨ་ལ་ལ། ཨ་ལ་ལ།
Written by: 巴丁求扎, 戈多·克波

