Crédits

INTERPRÉTATION
欧智卓玛
Chant
COMPOSITION ET PAROLES
迈仓丹克
Paroles
民间
民间
Composition
欧智卓玛
Arrangement
PRODUCTION ET INGÉNIERIE
欧智卓玛
Production

Paroles

ཡར་ལ་འགྲོ
ཚིག དམེ་ཚང་རྟ་ཁོ།
དབྱངས། འབྲུག་ཡུལ་དམངས་གཞས།
ཡར་ལ་འགྲོ ཡར་ལ་འགྲོ
ཡར་ལ་འགྲོ ཡར་ལ་འགྲོ
རི་ལ་ཐང་འབའ་འབུར་མང་རུང་ཐད་ཀྱིས་གཅོད།
རྟ་འདོ་བ་ཞིག་གི་སྐྱེ་ལམ་རྒས་ལམ་རེད།།
འདི་རྒོད་པོ་མཐུར་མེད་ཅིག་གི་རང་གཤིས་རེད།
བསྭོ་ཡ་ལ།
རྒྱུག་དུས་རྨིག་བཞི་རླུང་ཡིན།
འདུག་དུས་ཁ་རྔོག་རྐྱང་ཡིན།
བསྭོ་ཡ་ལ།
རྒྱུག་དུས་རྨིག་བཞི་རླུང་ཡིན།
འདུག་དུས་ཁ་རྔོག་རྐྱང་ཡིན།
གླིང་མྱི་ཁ་རྒོད་ཀྱང་རྩེད་ལ་འགྲོ།
སྟག་ཤར་རའི་སྐྱེ་ལམ་རྒས་ལམ་རེད།
བསྭོ་ཡ་ལ།
སྐྱིད་དུས་རྒྱལ་ཁམས་གྲོགས་ཡིན།
སྡུག་དུས་འཁོར་བ་རུམ་ཡིན།
ཡར་ལ་འགྲོ ཡར་ལ་འགྲོ
ཡར་ལ་འགྲོ ཡར་ལ་འགྲོ
དགུང་ཨ་སྔོན་ཁ་ཞེང་ཆེ་རུང་ཐད་ཀྱིས་གཅོད།
རྒོད་ཐང་དཀར་ཞིག་གི་སྐྱེ་ལམ་རྒས་ལམ་རེད།
འདི་རྒོད་པོ་གཤོག་ཐོགས་ཤིག་གི་རང་གཤིས་རེད།
བསྭོ་ཡ་ལ།
མཐོ་དུས་སྤྲིན་དཀར་སྟེང་རེད།
དམའ་དུས་བྲག་དམར་ཐེམ་རེད།
བསྭོ་ཡ་ལ།
མཐོ་དུས་སྤྲིན་དཀར་སྟེང་རེད།
དམའ་དུས་བྲག་དམར་ཐེམ་རེད།
ཡུལ་ཕ་མ་བཙན་ཡང་རྩེད་ལ་འགྲོ
བློ་རང་འཐད་གནའ་མཐུན་ད་མཐུན་རེད།
བསྭོ་ཡ་ལ།
དགའ་དུས་འཛུམ་ཆུང་གསེར་ཡིན།
སྐྱོ་དུས་མིག་ཆུ་དུང་ཡིན།
བསྭོ་ཡ་ལ།
དགའ་དུས་འཛུམ་ཆུང་གསེར་ཡིན།
སྐྱོ་དུས་མིག་ཆུ་དུང་ཡིན།
ཡར་ལ་འགྲོ ཡར་ལ་འགྲོ
ཡར་ལ་འགྲོ ཡར་ལ་འགྲོ
Written by: 民间, 迈仓丹克
instagramSharePathic_arrow_out

Loading...