뮤직 비디오

뮤직 비디오

크레딧

실연 아티스트
三智才让
보컬
旦增加
보컬
작곡 및 작사
三智才让
작곡가
崗查泉吉仁青
가사
旦增加
편곡자
프로덕션 및 엔지니어링
三智才让
녹음 엔지니어
旦增加
프로듀서

가사

[Verse 1]
ཁ་བ་གངས་ཀྱི་རྩེ་མོ།།
ཉི་ཟླ་གཉིས་ཀྱིས་བརྒྱན་བྱུང་།།
ཉི་ཟླའི་མགུལ་དུ་བསྒྲོན་པ།།
དབྱངས་ཀྱི་ང་རོ་རྣམ་གསུམ།།
ང་རོ་གསུམ་གྱི་ཟིལ་བ།།
དཀོན་མཆོག་གསུམ་ལ་ཆགས་སོང་།།
དབྱངས་ཀྱི་ཟིལ་བ་ཁྲོམ་ཁྲོམ།།
གངས་ཀྱི་སུལ་ལ་ཐོར་བྱུང་།།
[Verse 2]
འཐུ་མཁན་ཡོད་ན་འཐུས་ཤོག
ལེན་མཁན་ཡོད་ན་ལོངས་ཤོག
ཁྲོམ་ཆེན་འཛོམས་ནས་བླངས་ཆོག
རྒྱལ་ཁམས་སྐོར་ནས་བླངས་ཆོག
[Verse 3]
ཁ་བ་གངས་ཀྱི་རི་སྐེད།།
ལྷ་ཤིང་ནགས་ཀྱིས་བརྒྱན་བྱུང་།།
ནགས་རི་དབེན་པའི་དབུ་ལ།།
ཁུ་བྱུག་གསུང་སྙན་འཁོར་སོང་།།
ཁུ་བྱུག་དབྱངས་ཀྱི་ང་རོ།།
ང་རོ་རྣམ་བཞིར་ཆགས་སོང་།།
དབྱངས་ཀྱི་ཟིལ་བ་ཁྲོམ་ཁྲོམ།།
གངས་ཀྱི་སུལ་ལ་ཐོར་བྱུང་།།
[Verse 4]
འཐུ་མཁན་ཡོད་ན་འཐུས་ཤོག
ལེན་མཁན་ཡོད་ན་ལོངས་ཤོག
ཁྲོམ་ཆེན་ཟིལ་གྱིས་མནན་ཆོག
མི་ཡུལ་སྐོར་ནས་བླངས་ཆོག
[Verse 5]
ཁ་བ་གངས་ཀྱི་འདབ་མ།།
སྔོན་མོ་མཚོ་ཡིས་བརྒྱན་བྱུང་།།
མཚོ་བྱུང་ངག་གི་ལྷ་མོ།།
དབྱངས་ཀྱི་མཛོད་དུ་འཁྲུངས་སོང་།།
དབྱངས་གྲོང་སྡེ་བ་སུམ་འཛོམས།།
དབྱངས་སྡེ་རྒྱལ་བ་ཉེར་གཅིག
དབྱངས་ཁྱིམ་ཏ་ན་ཞེ་དགུ།
གངས་ཀྱི་སུལ་ལ་ཐོར་བྱུང་།།
[Verse 6]
འཐུ་མཁན་ཡོད་ན་འཐུས་ཤོག
ལེན་མཁན་ཡོད་ན་ལོངས་ཤོག
ས་གསུམ་མགྲོན་དུ་བོས་ཆོག
གླིང་བཞི་སྐོར་ནས་བླངས་ཆོག
Written by: 三智才让, 崗查泉吉仁青
instagramSharePathic_arrow_out

Loading...