album cover
欢聚
5
Tibetan Native Music
欢聚 was released on May 18, 2018 by Folk music as a part of the album 赞颂上师 - EP
album cover
Release DateMay 18, 2018
LabelFolk music
Melodicness
Acousticness
Valence
Danceability
Energy
BPM

Credits

PERFORMING ARTISTS
索秀塔巴甲
Performer
COMPOSITION & LYRICS
索秀塔巴甲
Songwriter

Lyrics

རིགས་མཐུན་གྱི་སྤུན་ཟླ་ཚོ་
ཁ་བའི་ལྗོངས་ན་འཛོམས་ཤོག
ང་ཚོ་མཉམ་དུ་སྐྱིད་པའི་གླུ་དབྱངས་ཤིག་ལེན་ལ་འགྲོ།
ཕ་ཡུལ་གངས་ལྗོངས་དབུ་འཕངས་མཐོ་བའི་རྟེན་འབྲེལ་ཞིག་སྒྲིག
བོད་རིགས་སྤུན་ཟླའི་བསོད་ནམས་རྒྱས་པའི་སྨོན་ལམ་འདེབས།
ཕ་ཡུལ་གངས་ལྗོངས་དབུ་འཕངས་མཐོ་བའི་རྟེན་འབྲེལ་ཞིག་སྒྲིག
བོད་རིགས་སྤུན་ཟླའི་བསོད་ནམས་རྒྱས་པའི་སྨོན་ལམ་འདེབས།
ཨ་ལ་སྨོན་ལམ་འདེབས།
གནམ་ལ་འཁོར་ལོ་རྩེ་བརྒྱད་
ས་ལ་པད་མ་འདབ་བརྒྱད་
དགེ་བཅུའི་གཡང་གི་རྭ་བ་
བུ་ཆུང་ང་ཡི་ལ་ཕ་ཡུལ་
བུ་ཆུང་ང་ཡི་ལ་ཕ་ཡུལ་
སེམས་མཐུན་གྱི་སྤུན་ཟླ་ཚོ་
ཁ་བའི་ལྗོངས་ནས་ལ་འཛོམས་ཤོག
ང་ཚོ་མཉམ་དུ་དགའ་བའི་ཞབས་བྲོ་ཞིག་འཁྲབ་ལ་ཤོག
ཆོས་དང་རིག་གཞུང་ཡར་ལ་དར་བའི་རྟེན་འབྲེལ་ཞིག་སྒྲིག
ཀ་ཁ་ག་ངའི་དབང་ཐང་དར་བའི་སྨོན་ལམ་འདེབས།
ཆོས་དང་རིག་གཞུང་ཡར་ལ་དར་བའི་རྟེན་འབྲེལ་ཞིག་སྒྲིག
ཀ་ཁ་ག་ངའི་དབང་ཐང་དར་བའི་སྨོན་ལམ་འདེབས།
ཨ་ལ་སྨོན་ལམ་འདེབས།
གནམ་ལ་འཇའ་ཚོན་སྣ་ལྔ་
ས་ལ་མེ་ཏོག་གུར་ཁང་།
བཀྲ་ཤིས་པའི་གནས་མཆོག་འདི་ན་
བུ་ཆུང་ང་ཡི་ལ་ཕ་ཡུལ་
བུ་ཆུང་ང་ཡི་ལ་ཕ་ཡུལ་
སེམས་མཐུན་གྱི་སྤུན་ཟླ་ཚོ་
གངས་རིའི་ལྗོངས་ནས་འཛོམས་ཤིག
ང་ཚོ་མཉམ་དུ་མཐུན་པའི་ལག་སྡང་སྦྲེལ་ལ་ཤོག
ཡ་རབས་གོམ་གཤིས་ཡུན་དུ་གནས་པའི་རྟེན་འབྲེལ་སྒྲིག
ཤེས་རིག་ཡོན་ཏན་གོང་དུ་འཕེལ་བའི་སྨོན་ལམ་འདེབས།
ཡ་རབས་གོམ་གཤིས་ཡུན་དུ་གནས་པའི་རྟེན་འབྲེལ་སྒྲིག
ཤེས་རིག་ཡོན་ཏན་གོང་དུ་འཕེལ་བའི་སྨོན་ལམ་ཞིག་འདེབས།
ཨ་ལ་སྨོན་ལམ་འདེབས།
གནམ་ལ་ཁྲི་གདུགས་ཉི་མ་
ས་ལ་གངས་ཀྱི་རྭ་བ་
ཞི་བདེ་སྐྱིད་ཀྱི་ཕ་ས་
བུ་ཆུང་ང་ཡི་ལ་ཕ་ཡུལ་
བུ་ཆུང་ང་ཡི་ལ་ཕ་ཡུལ་
ཨ་ལ་ཕ་ལ་ཡུལ།
Written by: 索秀塔巴甲
instagramSharePathic_arrow_out􀆄 copy􀐅􀋲

Loading...