Music Video
Music Video
Credits
PERFORMING ARTISTS
才仁帮巴
Performer
COMPOSITION & LYRICS
巴桑 尼玛
Songwriter
PRODUCTION & ENGINEERING
十堰市骏音娱乐文化传媒有限公司
Producer
Lyrics
ཁ་བའི་ལྗོངས་ལ་སྐྱེས་བྱུང་།
ཚིག ཉི་མ།
དབྱངས་ པ་སངས།
ལེན་མཁན། ཚེ་རིང་དཔལ་འབར།
བསིལ་ལྡན་ཁ་བའི་ལྗོངས་ལ་བླ་དགོན་ཉི་ཟླ་ཟུང་གཅིག
དྲོད་ཁོལ་ཉི་མ་འདྲ་བའི་མདོ་སྔགས་ཆོས་ཀྱི་བསྟན་པ།
འོད་དཀར་ཟླ་བ་འདྲ་བའི་སངས་རྒྱས་བསྟན་པའི་བྱིན་རླབས།
ནམ་མཁའི་སྐར་ཚོགས་འདྲ་བའི་སངས་རྒྱས་བསྟན་པའི་ཆོས་བདེ།
ཨེ་མ་ཧོ། བཀྲ་ཤིས་ཤོག
ཉི་ཟླ་ཆ་གཅིག དབུ་འཕང་དགུང་ལས་མཐོ།
མདོ་སྔགས་བསྟན་པ་ཡུན་གནས་འབངས་མི་ལོངས་སྤྱོད་རྒྱས།
བསིལ་ལྡན་ཁ་བའི་ལྗོངས་ལ་ཕ་མ་ཉི་ཟླ་ཟུང་གཅིག།
དྲོད་ཆེན་ཉི་མ་འདྲ་བའི་ཕ་ལོ་བཀྲ་ཤིས་ལྷུན་པོ།
འོད་དཀར་ཟླ་བ་འདྲ་བའི་མ་ལོ་རིན་ཆེན་འབྱུང་གནས།
ནམ་ཁའི་སྐར་ཚོགས་འདྲ་བའི་བུ་ཚ་བུ་མོའི་འཁོར་ཚོགས།
ཨེ་མ་ཧོ། བཀྲ་ཤིས་ཤོག
ཉི་ཟླ་ཆ་གཅིག ཚེ་ཐག་ཆུ་ལས་རིང་།
མི་ཕྱུགས་ལེགས་པའི་བཀྲ་ཤིས་བདེ་སྐྱིད་ཕུན་སུམ་ཚོགས།
བསིལ་ལྡན་ཁ་བའི་ལྗོངས་ལ་དགེ་སློབ ་ཉི་ཟླ་ཟུང་གཅིག
གསེར་གྱི་ཉི་མ་འདྲ་བའི་དགེ་རྒན་དཔལ་བསམ་ལྗོན་པ།
དཀར་གསལ་ཟླ་བ་འདྲ་བའི་ལྷག་བསམ་གངས་དཀར་འདབ་མ།
ནམ་མཁའི་སྐར་ཚོགས་འདྲ་བའི་གྲངས་མང་སློབ་མའི་འཁོར་ཚོགས།
ཨེ་མ་ཧོ། བཀྲ་ཤིས་ཤོག
ཉི་ཟླ་ཆ་གཅིག ལྔ་རིག་འཕྲིན་ལས་རྒྱས།
ཤེས་རིག་རྒྱས་པའི་བཀྲ་ཤིས་མ་འོང་བླ་སྲོག་ཡིན།
Written by: 巴桑 尼玛


