積分

演出藝人
卓傑澤仁
聲樂
詞曲
藏族民歌
作曲
木雅.諾爾布
作詞

歌詞

འོད་ཟེར་མི་ཆུང་མི་ཆུང་། །
 ཉི་མའི་འོད་ཟེར་མི་ཆུང་། །
 བཀའ་དྲིན་མི་ཆུང་མི་ཆུང་།།
 ཨ་མའི་བཀའ་དྲིན་མི་ཆུང་།།
 ཆུང་རེས་པང་ནས་གཅེས་མི།།
 ཆེ་རེས་སེམས་ནས་གཅེས་མི།།
 འགྲོ་རེས་སྐྱེལ་མ་བྱེད་མི།།
 འོང་རེས་བསུ་མ་བྱེད་མི།།
 བསོ་ཡ་ལ་བསོ། ཡ་ལ།
 བཀའ་དྲིན་མི་ཆུང་མི་ཆུང་།།
 ཨ་མ་རྣམ་རྒྱལ་སྒྲོལ་མ།།    
 ལས་ལ་བསྐོས་པའི་ནོར་བུ།།
 ཨ་མ་རྣམ་རྒྱལ་སྒྲོལ་མ།།
 སེམས་ལ་ཡོད་པའི་ནོར་བུ།།
 ཨ་མ་རྣམ་རྒྱལ་སྒྲོལ་མ།།
 འཆི་བ་མི་རྟག་ཡོང་དུས།།
 སུ་ཡང་བྱོལ་ས་མི་འདུག།།
 ཨ་མ་རྣམ་རྒྱལ་སྒྲོལ་མ།།
 ཕྱི་མའི་ཡུལ་ལ་ཁྲིད་ཐེ།།
 བསོ་ཡ་ལ་བསོ། ཡ་ལ། 
 ནམ་མཁའི་བླ་མ་དཀོན་མཆོག།
 ཐུགས་རྗེས་སྤྱན་གྱིས་གཟིགས་རོགས།།   
    
 世間恩澤之大,必屬太陽光芒;
 人間恩情永續,唯有母親之愛。
 幼時抱之懷裡,長時念之心裡;
 離家送別之人,回家迎接之人。
 索呀啦嗦噢呀啦
 人間母愛最深,阿媽娜吉卓瑪。
 緣份之寶,阿媽娜吉卓瑪;
 心中之寶,阿媽娜吉卓瑪。
 無常猶如閃電,眾生無一幸免;
 阿媽娜吉卓瑪,祈願往生淨土。
 索呀啦嗦噢呀啦
 祈願諸佛菩薩,護佑加持阿媽。
Written by: 木雅.諾爾布, 藏族民歌
instagramSharePathic_arrow_out

Loading...