album cover
Enemy
album cover
Enemy fue lanzado el 10 de marzo de 2022 por TenkunMusic como parte del álbum Enemy - Single
10 de marzo de 2022
Sello discográficoTenkunMusic
IdiomaEnglish
BPM171
Melodía
Nivel de sonidos acústicos
Valence
Capacidad para bailar
Energía

Video musical

Video musical

Letra

ང་ཁ་བ་གངས་ཅན་ཡུལ་གྱི་མི་ཞིག་ཡིན།
ཕ་སྤྲེའུ་བྱང་ཆུབ་སེམས་དཔའི་བུ་དེ་ཡིན།
དྲང་པོའི་ལམ་ལ་འགྲོ་མཁན།
བྱང་སེམས་གྱི་ལྟ་བ་ཡོད་མཁན།
ང་དཔའ་བོ་གླིང་གེ་སར་རྒྱལ་པོའི་བརྒྱུད་ཞིག་ཡིན།
དཔའ་བློ་ཁོག་ང་མཉམ་འགྲན་ཟླ་མ་བྱེད།
ཚོད་ཟིན། མི་བྱེད་དགུ་བྱེད་བྱེད་མཁན།
ང་བོད་ཁྱིམ་སློབ་གྲྭར་འགྲོ་མཁན།
ཀྲིང་མོག་དང་སི་པན་ཟ་མཁན།
ང་སོན་འུ་ཁུང་འབྲུག་སྒང་ལ་བཞོན་ནས་གླིང་བཞི་སྐོར་མཁན། ངས་བདེན་པ་བཤད་ན་ཁྱེད་ཚོས་སྣང་བར་འགྲོ་གི་མ་རེད། ངས་༡༩༥༩ དྲན་པ་བརྗེད་ཀྱི་མ་རེད།
ངས་དཔའ་དེ་ཞུམ་གྱི་མ་རེད།
ངས་མགོ་དེ་གུར་གྱི་མ་རེད།
ད་ཁྱེད་རང་ག་རེ་བྱེད་ནའང་བྱས་ངས་གློད་ཀྱི་མ་རེད།
ཡིད་ཆེས་དེ་སེམས་ནང་བཞག་ཡོད།
ད་རིང་ཐོབ་ནའང་ཤོར་ནའང་།
ཤི་ནའང་གསོན་ནའང་།
ཚང་མ་མཉམ་དུ་ད་རིང་ལངས་དགོས།
འགྲོ་དགོས་འགྲོ་དགོས། དམག་རྒྱབ་ཁར་འགྲོ་དགོས།
ཆུ་དང་ཆར་པ། མེའི་དཀྱིལ་ལ་འགྲོ་དགོས།
ང་གཉིས་མཉམ་དུ་ད་རིང་དམག་རྒྱབ་ཁར་འགྲོ་དགོས། མགྱོགས་པོ། མགྱོགས་སོ།
སྟོན་དགོས། སྟོན་དགོས། ད་རིང་ལྟད་མོ་སྟོན་དགོས།
རིའི་རྩེ་ལ་རྒྱལ་དར་བཙུགས་དགོས།
ང་ཡི་དགྲ་བོ་ད་རིང་སུ་ཡིན་ནའང་ཡིན།
འདི་ང་ལ་ཁྱད་པར་མེད་དོ།
ང་དངོས་ནས་བྱས་ན་སེམས་པ་གཏིང་ནས་ཞེད་ཀྱིས།
མི་སྟོང་ཕྲག་མང་པོས་མིག་དེ་ང་ལ་བལྟ་གིས།
ངའི་རྒྱབ་ལ་མདའ་ཟུག་ཤག ངའི་རྐང་པར་ལྡེའུ་ཕོག་ཤག རོའི་དཀྱིལ་ལ་གོམ་པ་རྒྱབ་དུས་མྱལ་བར་སླེབས་པའི་འཚོར་བ་ནང་བཞིན།
ངའི་མེ་མདའ་ས་ལ་ཟག་ནའང་།
མགོ་བཏགས་ངས་ཞུ་གི་མ་རེད།
དགྲ་སྟོང་ཕྲག་གདོང་ལ་ཡོད་ནའང་།
རྒྱབ་ལ་བསྒྱུར་ནས་བྲོས་ཀྱི་མ་རེད།
ངའི་དཔའ་དེ་ཞུམ་གྱི་མ་རེད།
ངའི་མགོ་དེ་གུར་གྱི་མ་རེད།
ད་ཁྱེད་རང་ག་རེ་བྱེད་ནའང་བྱས་ངས་གློད་ཀྱི་མ་རེགད།
ང་ཡི་ལམ་དེ་སྤྲིན་ནག་པོས་བཀག་ཤག
ངའི་བརྩེ་བའི་སྤུན་མཆེད་སྲོག་དེ་ཡང་སྤྲད་ཤག
ད་དཀོན་མཆོག་མཁྱེན། ཐུགས་རྗེ་གཟིགས།
སྐུ་ཆེ་སྐུ་ཆེ། ང་ལ་ཤུགས་གཅིག་གནང་དང་།
ཡིད་ཆེས་དེ་སེམས་ནང་བཞག་ཡོད།
ད་རིང་ཐོབ་ནའང་ཤོར་ནའང་།
ཤི་ནའང་གསོན་ནའང་།
ཚང་མ་མཉམ་དུ་ད་རིང་ལངས་དགོས།
འགྲོ་དགོས་འགྲོ་དགོས། དམག་རྒྱབ་ཁར་འགྲོ་དགོས།
ཆུ་དང་ཆར་པ། མེའི་དཀྱིལ་ལ་འགྲོ་དགོས།
ང་གཉིས་མཉམ་དུ་ད་རིང་དམག་རྒྱབ་ཁར་འགྲོ་དགོས། མགྱོགས་པོ། མགྱོགས་སོ།
སྟོན་དགོས། སྟོན་དགོས། ད་རིང་ལྟད་མོ་སྟོན་དགོས།
རིའི་རྩེ་ལ་རྒྱལ་དར་བཙུགས་དགོས།
ང་ཡི་དགྲ་བོ་ད་རིང་སུ་ཡིན་ནའང་ཡིན།
འདི་ང་ལ་ཁྱད་པར་མེད་དོ།
Written by: Tenkun Zadu

Loading...