Dari
PERFORMING ARTISTS
Rangbu
Performer
Qu Ji
Performer
COMPOSITION & LYRICS
佐庆丹真
Composer
才让扎西
Lyrics
Lirik
[Verse 1]
མོ། རྟེན་འབྲེལ་བཟང་པོ་ལ།
ཉི་རྩེ་གངས་ལ་འཕྲོས་པ་བཀྲ་ཤིས་དཔལ་དུ་བཞད་སོང།
ཁ་བ་གངས་ཀྱི་ལྗོངས་ལ་རྟེན་འབྲེལ་བཟང་པོ་འགྲིག་ཡོད།
[Verse 2]
ཕོ། རྟེན་འབྲེལ་བཟང་པོ་ལ།
་སྨོན་ལམ་དགུང་ལ་གསོལ་བ་འཇའ་ཚོན་འོད་ཀྱིས་བཀྲ་སོང།
ཁ་བ་གངས་ཀྱི་ལྗོངས་ལ་རྟེན་འབྲེལ་བཟང་པོ་འགྲིག་ཡོད།
[Verse 3]
མཉམ་ལེན། མཛའ་བའི་གྲོགས་ལ་ཚེ་རིང་ནད་མེད་ཤོག།
སྨོན་འདུན་ཚིག་ལ་འགྱུར་བ་མེད་པར་ཤོག།
[Verse 4]
ཕོ། རྟེན་འབྲེལ་བཟང་པོ་ལ།
དགའ་བྲོད་འཛོམས་པ་ཡག་མོ་གཞས་དང་གར་གྱིས་བསྐོལ་སོང།
བདེ་ལེགས་དབྱངས་ཀྱི་རོལ་མོས་རང་ཡུལ་སྐྱིད་པོ་དཀྲོལ་ཡོད།
[Verse 5]
མོ། རྟེན་འབྲེལ་བཟང་པོ་ལ།
བདེ་སྐྱིད་རང་ཁྱིམ་གྲུ་བཞི་གཡང་ར་སྒོ་བཞིས་བརྒྱན་ཡོད།
ཚེ་བསོད་རླུང་རྟའི་ཁ་གཡང་དྲིན་ཆེན་ཕ་མས་གནང་ཡོད།
[Verse 6]
མཉམ་ལེན། མཛའ་བའི་གྲོགས་ལ་བདེ་སྐྱིད་འཛོམས་པོ་ཤོག།
དྲི་མེད་ཚིག་ལ་འགྱུར་བ་མེད་པར་ཤོག།
རྟེན་འབྲེལ་བཟང་པོ་གསེར་ཡིག་རང་བྱོན་ཡིན།
རིན་ཆེན་གསེར་གྱི་རང་མདངས་མ་མནོག་ཡོད།
རྟེན་འབྲེལ་བཟང་པོ་དངུལ་གྱི་ཕྲ་རྒྱན་ཡིན།
རིན་ཆེན་དངུལ་གྱི་རི་མོ་ཀྱིག་སེ་ཡོད།
རྟེན་འབྲེལ་བཟང་པོ་ལ།
Written by: 佐庆丹真, 才让扎西