album cover
Kunga
64
Dance
Kunga foi lançado em 1 de julho de 2023 por TenkunMusic como parte do álbum མི་རྟག་པ་ - IMPERMANENCE
album cover
Data de lançamento1 de julho de 2023
EditoraTenkunMusic
Melodicidade
Acústica
Valência
Dançabilidade
Energia
BPM65

Créditos

COMPOSITION & LYRICS
Tenkun Tenkun Tenkun
Tenkun Tenkun Tenkun
Songwriter

Letra

སྔ་མོ་སྔ་མོ་གྲོང་འཁྱེར་གཅིག་ལ།
ཕ་མ་བཟང་པོ་གཅིག་ལ་ཕྲུ་གུ་གཅིག་ཡོད་རེད།
ཁོའི་མིང་ལ་ཀུན་དགའ།
ཀུན་དགའ་ལ་འཇོན་ཡག་ཡོད་ན་མེད་ན་ཕ་མ་གཉིས་ཀྱི་ནོར་བུ་དེ་རེད།
ཀུན་དགའ་ལ་འཇོན་ཡག་ཡོད་རུང་མེད་རུང་ཕ་མ་གཉིས་ཀྱི་སྲོལ་རྒྱུན་དེ་རེད།
སྤྱོད་པ་དང་ཁ་ལན་དེ་སློག་ནས་སེམས་པ་གསད་མཁན་དེ་རེད།
མཚན་མཚན་གང་འཁྱམ། ཤོ་བག་དེ་རྩེས།
ཨ་རག མཐའ་མག འབང་།
ཞིམ་ཚད་དེ་བཟས། འཇམ་ཚད་དེ་གྱོན། ངོ་ཚ་ཡག་མེད།
ཕ་མའི་པད་ཤག་དེ་སྟོར། ལས་རྒྱུ་འབྲས་འཁོར།
ལས་རྒྱུ་འབྲས་མཛུབ་མོའི་རྩེ་རང་ནས་འཁོར།
སོ་སོ་ལ་བརྩེ་བ་དང་ཡིད་ཆེས་བྱེད་མཁན་དེ་ལ་མགོ་སྐོར་གཅིག་བཏང་།
སོ་སོ་ལ་འཁྲམ་པ་དང་གཡོ་རྒྱུ་བཤད་མཁན་དེ་ལ་དད་པ་གཅིག་སྐྱེ།
ད་ཁོ་ཡི་སེམས་དེ་འདྲེ་ཡིས་འཁྱེར་ཚར་བ་རེད།
ད་ཁོ་རང་འདྲེ་ཀུན་གྱི་རྗེས་འཇུག་གཅིག་རེད།
ལྷ་བླ་མ་དཀོན་མཆོག་གསུམ་གྱིས་སྐྱབས་ཐུབ་པ་མེད།
བླ་བརླག་ཤག འོད་དེ་གཏོར་ཚར་ཤག།
གཞན་པ་ལ་ཡ་ལ་བཙུགས་ཡག་ལྷག་ཡོད་མ་རེད།
འདི་སོ་སོས་བཟོས་པའི་ལམ་གཅིག་རེད།
ད་མིག་ཆུ་བཏང་ཡག་གི་དུས་ཚོད་གཅིག་མ་རེད།
འདི་འགྱུར་བ་བཏང་ཡག་གི་དུས་ཚོད་གཅིག་རེད།
ད་རིང་ཁྱེད་རང་ཕུན་སུམ་ཚོགས་པོ་ག་ཚོད་ཡོད་ཀྱང་།
སང་ཉིན་འདི་ཚོ་བརླག་མ་སྲིད་པ་མ་རེད།
སོ་སོའི་པད་ཀོག་སྒང་གི་ལས་ཀྱི་རི་མོ་དེ།
བུ་སོ་སོས་རང་གིས་འཁྱེར་དགོས་རེད།
ཉི་ཤུ་དགུའི་གླུད། ཉི་ཤུ་དགུའི་གླུད།
ཚང་མས་ཁྱེད་བཏགས་ཤག་པའི་མིང་འདོགས་དེ་རེད།
ཉི་ཤུ་དགུའི་གླུད། ཉི་ཤུ་དགུའི་གླུད།
ལྷ་བླ་མས་སྐྱབས་ཐུབ་པ་མེད།
ཉི་ཤུ་དགུའི་གླུད། ཉི་ཤུ་དགུའི་གླུད།
ཟབ་ཟབ་མ་བྱས་ན་གསུམ་མདོ་ལ་སྐྱེལ་ཡོང་།
ཝ་ཡེ། ཉི་ཤུ་དགུའི་གླུད། བྱེད་རྒྱུ་དེ་མང་དྲགས་ན་ཨ་ཞང་སླེབས་ཡོང་།
ཕ་དྲིན་ཆེན་ཐོ་རང་ནས་བཞེངས།
ཉམ་ཆུང་གི་ལྟོ་སྒོས་ཤིག་བརྩལ།
ནང་མི་ཡི་འཚོ་བ་དེ་ཡག་པོ་ཞིག་ཡོང་བའི་ཆེད་དུ།
པ་ཕས་མི་ཚེ་མི་གཡོག་ཅིག་རྒྱུགས།
མ་དྲིན་ཆེན་ནང་ལ་བཞུགས།
ནང་ལས་དེ་བྱས། ལྟོ་ལས་ཤིག་རྒྱུགས།
ཕྱི་ལ་གདོང་བསྟན་ཡག་ཨ་མས་ངོ་ཚ་དགོས་ཀྱི་ཡོད།
ཁྱིམ་མཚེས་ཧ་གོ་གི་ཡོད་རེད།
hooka, khani, chang
འབང་བཏུང་ནས་ཀུན་དགའ་བསྡད་ཡོད་རེད།
སློབ་གྲྭ་ནི་འཁྱོལ་ཡོད་མ་རེད། ལས་ཀ་ནི་གང་ཡང་ཡོད་མ་རེད།
དམག་མི་ལ་ཚུད་ཡོད་མ་རེད། འཇོན་ཡག་གང་ཡང་ཡོད་མ་རེད།
བསྡད་ས་ལ་བསྡད་ཡོད་མ་རེད། སླེབས་ས་ལ་སླེབས་ཡོད་མ་རེད།
དཔེ་ཆ་ནི་དོན་ཡོ་མ་རེད། བཀའ་སློབ་ནི་མཉན་ཡོ་མ་རེད།
མི་ཚེ་ Jackpot འདི་དན་ད་ཡང་རག་ཡོ་མ་རེད།
སླད་པ་ནི་སློང་ཡོ་མ་རེད། བསོད་ནམ་ནི་བསག་ཡོ་མ་རེད།
རི་རྒྱབ་ཀྱི་ཉི་མ་དན་ད་ཡང་མཐོང་ཡོ་མ་རེད།
ད་ཁོ་ཡི་སེམས་དེ་འདྲེ་ཡིས་འཁྱེར་ཚར་བ་རེད།
ད་ཁོ་རང་འདྲེ་ཀུན་གྱི་རྗེས་འཇུག་གཅིག་རེད།
ལྷ་བླ་མ་དཀོན་མཆོག་གསུམ་གྱིས་སྐྱབས་ཐུབ་པ་མེད།
བླ་བརླག་ཤག འོད་དེ་གཏོར་ཚར་ཤག།
གཞན་པ་ལ་ཡ་ལ་བཙུགས་ཡག་ལྷག་ཡོད་མ་རེད།
འདི་སོ་སོས་བཟོས་པའི་ལམ་གཅིག་རེད།
ད་མིག་ཆུ་བཏང་ཡག་གི་དུས་ཚོད་གཅིག་མ་རེད།
འདི་འགྱུར་བ་བཏང་ཡག་གི་དུས་ཚོད་གཅིག་རེད།
ད་རིང་ཁྱེད་རང་ཕུན་སུམ་ཚོགས་པོ་ག་ཚོད་ཡོད་ཀྱང་།
སང་ཉིན་འདི་ཚོ་བརླག་མ་སྲིད་པ་མ་རེད།
སོ་སོའི་པད་ཀོག་སྒང་གི་ལས་ཀྱི་རི་མོ་དེ།
བུ་སོ་སོས་རང་གིས་འཁྱེར་དགོས་རེད།
ཉི་ཤུ་དགུའི་གླུད། ཉི་ཤུ་དགུའི་གླུད།
ཚང་མས་ཁྱེད་བཏགས་ཤག་པའི་མིང་འདོགས་དེ་རེད།
ཉི་ཤུ་དགུའི་གླུད། ཉི་ཤུ་དགུའི་གླུད།
ལྷ་བླ་མས་སྐྱབས་ཐུབ་པ་མེད།
ཉི་ཤུ་དགུའི་གླུད། ཉི་ཤུ་དགུའི་གླུད།
ཟབ་ཟབ་མ་བྱས་ན་གསུམ་མདོ་ལ་སྐྱེལ་ཡོང་།
ཝ་ཡེ། ཉི་ཤུ་དགུའི་གླུད། བྱེད་རྒྱུ་དེ་མང་དྲགས་ན་ཨ་ཞང་སླེབས་ཡོང་།
Written by: Tenkun Tenkun Tenkun
instagramSharePathic_arrow_out􀆄 copy􀐅􀋲

Loading...