album cover
Go
16
J-Pop
Go was released on December 30, 2020 by Yang Homie as a part of the album This Love - Single
album cover
Release DateDecember 30, 2020
LabelYang Homie
LanguageHindi
Melodicness
Acousticness
Valence
Danceability
Energy
BPM100

Credits

PERFORMING ARTISTS
Yang Homie
Yang Homie
Performer
COMPOSITION & LYRICS
Yang Homie
Yang Homie
Composer, Lyrics

Lyrics

ཉི་མ་གསར་པའི་ཞོགས་པ་ཡི་འོད་ཟེར།
སྒེའུ་ཁུང་ཟུར་ནས་ཉལ་ཁང་དུ་འཕྲོ་དུས།
སྒེའུ་ཁུང་ཕྱེས་ནས་ཞོགས་པའི་ཁ་རླུངས།
ང་གཉིས་མཉམ་དུ་མྱོང་རོལ་བྱེད་འགྲོ།
ཉི་མ་གསར་པ་སེམས་ཁམས་གསར་པ།
སེམས་ཁམས་གསར་པའི་འགྲུལ་བཞུད་ཀྱི་གྲ་སྒྲིག
སེམས་པ་་གཙང་གཙང་གོས་ལུགས་དེ་གཙང་གཙང་།
ད་དུང་འགྲམ་དུ་སྙིང་ཉེ་བའི་ཁྱེད་རང་་ཨོ་ཨོ་་་་
དེ་རིང་།
གནམ་གཤིས་དྲོད་ལ་ནང་གི་སེམས་པ་དྲོད།
ཐབས་ཚང་ཆུང་ཆུང་ནང་།
རང་གི་ཞོགས་ཇ་བཟོས།
ང་གཉིས་ཞོགས་ཟས་ཟ་བཞིན་དེ་རིང་འཆར་གཞི་གླེང་།
1ཉི་མ་གསར་པའི་ཞོགས་པ་ཡི་འོད་ཟེར།
སྒེའུ་ཁུང་ཟུར་ནས་ཉལ་ཁང་དུ་འཕྲོ་དུས།
སྒེའུ་ཁུང་ཕྱེས་ནས་ཞོགས་པའི་ཁ་རླུངས།
ང་གཉིས་མཉམ་དུ་མྱོང་རོལ་བྱེད་འགྲོ།
ཉི་མ་གསར་པ་སེམས་ཁམས་གསར་པ།
སེམས་ཁམས་གསར་པའི་འགྲུལ་བཞུད་ཀྱི་གྲ་སྒྲིག
སེམས་པ་་གཙང་གཙང་གོས་ལུགས་དེ་གཙང་གཙང་།
ད་དུང་འགྲམ་དུ་སྙིང་ཉེ་བའི་ཁྱེད་རང་་ཨོ་ཨོ་་་་
དེ་རིང་།
གནམ་གཤིས་དྲོད་ལ་ནང་གི་སེམས་པ་དྲོད།
ཐབས་ཚང་ཆུང་ཆུང་ནང་།
རང་གི་ཞོགས་ཇ་བཟོས།
ང་གཉིས་ཞོགས་ཟས་ཟ་བཞིན་དེ་རིང་འཆར་གཞི་གླེང་།
ང་མཉམ་དུ་འགྲོ།
ཡུལ་བསྐོར་འགྲོ།
ཕྱི་ཡི་ཡུལ་ལྗོངས་ཚང་མ་ལྟད་མོ་བལྟ་བར་འགྲོ
མི་ཚོགས་མང་པོའི།
ང་གཉིས་བལྟས།
ཚང་མའི་ཡིད་སྨོན་ཆེན་པོའི་ང་གཉིས་ཕྱིར་མིག་བལྟས།
ང་མཉམ་དུ་འགྲོ།
རྩ་ཐང་སྟེང་།
ཅང་ཤེས་རྟ་ཕོ་བཞོན་ནས་ནོར་ལུག་བལྟ་བར་འགྲོ།
ང་མཉམ་དུ་འགྲོ།
རྩ་ཐང་སྟེང་།
ང་གཉིས་ལག་པ་འཇུས་ནས་བད་ེསྐྱིད་དགོད་སྒྲའི་ཁེངས།
ཨུ་་་་་་་་
ང་མཉམ་དུ་ཕྱི་ལ་བལྟ་འགྲོ།
ཨུ་་་་་་་་་
མཛེས་སྡུག་གི་འཇིག་རྟེན་བལྟ་རུ་འགྲོ།
ང་མཉམ་དུ་འགྲོ།
གནམ་མཚོའི་འགྲམ།
ང་གཉིས་བརྩེ་དུང་མཚོ་ལས་ཟབ་པའི་སྨོན་ལམ་འདེབས།
ང་གཉིས་ཕན་ཚུན།
གདོང་ལ་བལྟས།
མི་ཚེ་མཉམ་དུ་ཡོང་བའི་དམ་བཅའ་སེམས་ལ་བཞག
དབྱར་གྱི་དུས་སུ་ཁྱེད་ནི་ཆར་གདུགས་རེད།
དགུན་གྱི་ཉི་མ་རང་གི་སེམས་འཁུར་འདྲ།
རང་ནི་དབྱར་དགུན་ནང་གི་ང་ཡི་དྲོད་དེ་ཡིན།
སྟོན་གྱི་ལྕང་ལོ་ཁྱེད་ཀྱི་ལང་ཚོ་རེད།
དཔྱིད་ཀྱི་རླུང་བུ་རང་གི་གཤིས་ཀ་འདྲ།
རང་ནི་དུས་བཞིའི་ནང་གི་ང་ཡི་འགྲོ་རོགས་རེད།
Written by: Yang Homie
instagramSharePathic_arrow_out􀆄 copy􀐅􀋲

Loading...