積分

演出藝人
才旺拉姆
演出者
詞曲
Tshering Yezer
Tshering Yezer
詞曲創作
JIGME TG
JIGME TG
詞曲創作

歌詞

དབྱངས་གསལ།
字母
作词:日当呷扎
作曲:佐庆丹真
演唱:才旺拉姆/玖美多加
དབྱངས་གསལ་སེར་པོ་གསེར་གྱི་ཉི་ཟེར་ཡིན།
字母乃金色光辉
དེ་ཡི་འོད་ཀྱིས་རྨོངས་བའི་མུན་པ་སེལ།
驱散那愚昧黑暗
དབྱངས་གསལ་མཁའ་ལྡིང་གནམ་གྱི་ཁྱུང་ཆེན་ཡིན།
字母乃展翅雄鹰
དེ་ཡི་གཤོག་པས་ཤེས་བྱའི་ཕ་མཐའ་གཅོད།
字母乃蓝色海洋
དབྱངས་གསལ་སྔོན་མོ་གཡུ་ཡི་རྒྱ་མཚོ་ཡིན།
字母乃蓝色海洋
དེ་ཡི་རྔམ་གྱིས་སྲིད་པའི་མཐོང་རྒྱ་སྐྱེད།
展现那海阔天空
དབྱངས་གསལ་བྱང་ཆུབ་ཤིང་གི་ལྗོན་པ་ཡིན།
字母乃如意之藤
དེ་ཡི་འདབ་མས་ཞི་བའི་བློ་གྲོས་སྩལ།
给大地带来智慧
ཨ་་་དབྱངས་གསལ་་་་དབྱངས་གསལ་་་་ངའི་དབྱངས་གསལ།
啊,字母、字母、我的字母
དབྱངས་གསལ་བྱང་ཆུབ་ཤིང་གི་ལྗོན་པ་ཡིན།
字母乃菩提之树
དེ་ཡི་འདབ་མས་ཞི་བའི་བློ་གྲོས་སྩལ།
给我们带来智慧
དབྱངས་གསལ་དགོས་འདོད་འབྱུང་བའི་ནོར་བུ་ཡིན།
字母乃如意之宝
དེ་ཡི་དཔལ་གྱིས་བསམ་པའི་རེ་བ་སྐོང་།
赋予我无限能量
དབྱངས་གསལ་ཁ་དོག་སྒེག་པའི་མེ་ཏོག་ཡིན།
字母乃鲜艳花朵
དེ་ཡི་མཛེས་པས་སྐྱེ་འགྲོ་དགའ་བ་སློང་།
带来了无尽美丽
དབྱངས་གསལ་ལོང་ལོང་གཡོ་བའི་སྤྲིན་དཀར་ཡིན།
字母乃漂浮云朵
དེ་ཡི་ཆར་གྱིས་རིག་པའི་འབྲས་བཟང་སྐྱིལ།
降下了智慧甘露
དབྱངས་གསལ་ལེགས་བཤད་སྟོང་གི་སྒྲ་དབྱངས་ཡིན།
字母乃警世名言
དེ་ཡི་སྙན་པས་དག་པའི་ལམ་མཆོག་རྨེད།
给人指明了道路
ཨ་་་་་་དབྱངས་གསལ།
啊、字母
དབྱངས་གསལ་སེར་པོ་གསེར་གྱི་ཉི་ཟེར་ཡིན།
字母乃金色光辉
དབྱངས་གསལ་བྱང་ཆུབ་ཤིང་གི་ལྗོན་པ་ཡིན།
字母乃菩提之树
ཨ་་་་དབྱངས་གསལ་་་དབྱངས་གསལ་་་ངའི་དབྱངས་གསལ།
啊,字母,字母,我的字母
དབྱངས་གསལ་དགོས་འདོད་འབྱུང་བའི་ནོར་བུ་ཡིན།
字母乃如意之宝
དབྱངས་གསལ་ལེགས་བཤད་སྟོང་གི་སྒྲ་དབྱངས་ཡིན།
字母乃警世名言
Written by: JIGME TG, Tshering Yezer
instagramSharePathic_arrow_out

Loading...